注册  |  登录  |  English
བདག་གི་ཕ་མ།我的父母
2014-05-16
组别:离校

     བདག་ལ་ངང་རྒྱུད་འཇམ་ཞིང་ལྷག་བསམ་དཀར་བའི་ཨ་མ་དང་ལས་ལ་བརྩོན་པའི་ཨ་ཕ་ཞིག་ཡོད། ཁོང་གཉིས་ཀྱིས་ངེད་ཚང་གི་ཁྱིམ་གཞི་འདིའི་ཆེད་དུ་དཀའ་སྡུག་མང་པོ་མྱོང་ཀིན་ཡོད། བདག་གི་ཨ་ཕ་ནི་སྤྱིར་བཏང་གི་ཕྱུགས་རྫི་ཞིག་ཡིན།  ཁོང་གིས་མིང་ལ་མགོན་པོ་རྒྱལ་ཟེར། ད་ལོར་ལོ་ཞེ་བཞི་ཡིན། ཁོང་ལ་གནག་ཅིང་སྣུམ་པའི་སྐྲད་ལོ་ཞིག་ཡོད། གཟུགས་ཅུང་ཐུང་། རྒྱུན་ཏུ་གདོང་ལ་འཛུམ་ཞིག་གིས་ཁེངས་འདུག ཨ་ཕས་ཁྱིམ་གཞི་འདིའི་ཆེད་དུ་དཀའ་སྡུག་མང་པོ་མྱངས་པས། ཨ་ཕའི་མཛེས་པའི་ཞལ་རས་དེའི་ལྷགས་རླུང་གིས་བརླག ཨ་ཕའི་བརྟན་ཚུགས་ནི་རི་བོ་ལས་བརླིང་ལ་སེམས་རྒྱ་ནི་ནམ་མཁའ་ལས་ཡངས། ཨ་མྱེས་ཀྱིས་བཤད་པ་ལྟར་ན། ཨ་ཕ་ཆུང་དུས་ཧ་ཅང་པྲ་ཆལ་ཞིག་ཡིན་ཟེར། འོན་ཀྱང་ཨ་ཕས་གཏན་ནས་ཕ་མར་སྒྱུད་ལུག་བྱེད་མ་མྱོང་ཟེར།  ཨ་ཕ་ལགས།  བདག་གི་མདུན་བསྐྱོད་ཀྱི་སྙིང་སྟོབས་དང་ཞུམ་མེད་ཀྱི་དཔའ་ངར་དེ་ཁྱེད་ཀྱི་བྱམས་བརྩེ་ལས་ཐོབ་པ་ཡིན། 

 བདག་གི་ཨ་མ་ནི་ལས་ཀ་ལ་བརྩོན་ཞིང་རྒན་ལ་བཀུར་བའི་མནའ་མ་བཟང་མོ་ཞིག་ཡིན། ངའི་ཨ་མའི་མིང་ལ་ཀླུ་མོ་མཚོ་ཟེར། ད་ལོར་ལོ་སུམ་ཅུ་སོ་དགུ་ཡིན། ཨ་མར་ནག་ཅིང་སྐྲ་ལོ་དང་ཕྲ་ཞིང་རིང་བའི་གཟུགས་གཞི་ཞིག་ཡོད།  ཨ་ཕས་བཤད་པ་ལྟར་ན། ཨ་མ་དང་ཐོག་ངེད་ཚང་ལ་ཡོང་དུས་ཧ་ཅང་མཛེས་མ་ཞིག་ཡོད་ཟེར།  འོན་ཀྱང་མོས་ཁྱིམ་གྱི་འཚོ་བའི་ཆེད་དུ་དཀའ་ཚེགས་ལ་མི་འཛེམ་པར་མི་ཚེ་གང་བོར་ལས་ཀར་འབད་པས།  ད་ལྟ་དང་ཐོག་གི་མཛེས་པའི་བུད་མེད་དེའི་མ་ཡིན་ལ།  དཀར་ཞིང་ཡག་པའི་ཞལ་ེས་དེའི་ལྷགས་རླུང་གིས་བརླག་ཅིང་མཛེས་པའི་གཟུགས་རུས་ལོ་ཟླ་ཡིས་བཅོམས། འོན་ཀྱང་ཨ་མའི་འཛུམ་མདངས་དེའི་ངའི་སེམས་ཁོང་ན་ཡལ་ཐབས་ཤིག་མི་འདུག 

  ངའི་དྲན་པའི་མེ་ལོང་ངོས་སུ་ནམ་ཡང་བརྗེད་ཐབས་བྲལ་བའི་འདས་དོན་ཞིག་རྡོ་ལ་རི་མོ་བརྐོས་པ་བཞིན་ཡལ་མེད་རྟག་ཏུ་འཆར་བ་ནི་ང་རང་ལོ་བཅུ་ཡས་མས་སུ་བྱུང་བའི་འདས་དོན་ཞིག་ཏེ།  ཉིན་ཞིག་གི་མཚན་མོར་ང་ལ་གློ་བུར་དུ་ཚ་རྒྱས་ཏེ་ལུས་ཧྲིལ་བོར་གྲངས་འདར་བྱེད་ཅིང་མགོ་ལ་ཚ་བ་དྲག་ཏུ་བྱུང་བས།བདག་གིས་ན་ཟུག་མ་བཟོད་པར་ཕ་མར་བཤད།ཨ་ཕས་དེ་ཐོས་མ་ཐག་ཏུ་གདོང་གི་སྤྲོ་སྐྱིད་ཀྱི་འཛུམ་མདངས་ཡལ་ཏེ་གློ་བུར་དུ་གདོང་ལ་སྨྲ་མི་ཤེས་པའི་སྐྱོ་ངལ་ཞིག་གིས་ཁེངས།ཨ་མས་མྱུར་དུ་ང་ལ་གང་ནས་ན་བ་རེད་ཅེས་དྲིས་ཤིང་མིག་མཐར་མཆི་མ་འཁྱིལ་འདུག དེ་ནས་ཨ་ཕས་ང་ལ་མྱུར་དུ་སྨན་བྱིན་ནས་འཐུང་དུ་བཅུག  འོན་ཀྱང་སྨན་དེ་འཐུང་རུང་ན་ཟུག་སྔ་བཞིན་འཇགས་ཐབས་མེད་པས།ཕ་མ་གཉིས་ཀྱིས་ང་རང་རྫོང་སྨན་ཁང་དུ་ཁྲིད།ལམ་ཐག་རིང་བོར་ཨ་མས་མིག་ཐེངས་གཅིག་ཀྱང་མ་རྡེབ་པར་ང་ལ་བལྟས་ནས་གདོང་ཧྲིལ་བོར་རྔུལ་ཆུས་སྦངས་ཡོད། རྫོང་སྨན་ཁང་དུ་ཐོན་ནས་ང་ལ་སྨན་ཁབ་རྒྱག་སྐབས་ཨ་མས་མིག་ཆུ་རང་དབང་མེད་པར་བཞུར།ཨ་ཕས་ངའི་མདངས་ཤོར་བའི་ཞལ་རས་ལ་བལྟས་ནས་མིག་ཆུ་རྡོག་གཅིག་ཐང་ལ་ལྷུང་སོང་། སྨན་ཁབ་ཁྲག་རྩར་ཐིགས་པའི་དུས་དང་བསྟུན་ནས་ང་བདེ་ཞིང་སྐྱིད་པའི་ངང་ནས་གཉིད་སོང་།འོན་ཀྱང་ཕ་མ་གཉིས་ཀྱིས་ཞག་གང་བོར་མིག་མ་བཙུམ་པར་ངའི་གམ་དུ་ང་ལ་ལྟ་སྐྱོང་བྱས་ནས་བསྡད།ཞོགས་པར་ང་གཉིད་ལས་སད་དུས།ཨ་མ་ངའི་མལ་ཁྲིའི་གམ་དུ་གཉིད་ལོག་འདུག

     ཉིན་དེའི་ཕྱི་དྲོར།ངའི་ལུས་ཕུང་ཡང་ཇེ་བདེ་རུ་སོང་འདུག འོན་ཀྱང་ཕ་མ་གཉིས་ཀྱིས་ད་དུང་ང་རང་སྨན་ཁང་དུ་ནད་བཅོས་བྱེད་དགོས་པ་ལ་སངས་དྲག་བྱུང་རག་བར་ལེགས་པོར་གསོ་བཅོས་བྱེད་དགོས་པའི་ནན་སྐུལ་མཛད། ཉིན་དེར་ཕ་མ་གཉིས་ཀྱིས་དུས་ཚོད་སྐར་ཆ་གཅིག་ལའང་ང་དང་འབྲལ་མི་ཕོད་པར་སྦྱོར་བ་སྨན་དང་བྱམས་པའི་སེམས་ཀྱིས་ང་ལ་གཉོར་སྐྱོང་གང་ལེགས་བྱས། ཉིན་དེ་ནས་བཟུང་ད་གཟོད་ང་ཡིས་སེམས་སུ་ཕ་མའི་བྱམས་བརྩེ་ཡིས་འཇིགས་སྐྲག་གི་ནད་གཞི་གསོ་ཐུབ་པ་ཤེས་སོང་ལ།ཕ་མའི་བྱམས་བརྩེ་ནི་གཟུགས་མེད་ཀྱི་མཁའ་དབུགས་ཇི་བཞིན་བུ་ཕྲུག་ཚོའི་ལུས་སྟེང་ལ་ཁྱབ་འདུག་པ་ཚོར་སོང་ངོ་།།

334    |    0    |    0

总数:0 当前在第1页