注册  |  登录  |  English
བདག་གི་ཕ་མ།我的父母
2014-05-16
组别:离校

ཕ་མའི་བརྩེ་ནི་འཇིག་རྟེན་འདིར་ཆེས་རླབས་ཆེན་ཞིག་ཡིན།ང་མི་ཡུལ་ལྷུང་བའི་ངུ་ སྐད་ཐོག་མ་ནས་བཟུང་།ཨ་ཕ་དང་ཨ་མ་གཉིས་ཀྱིས་ང་ལ་བྱམས་པས་སྐྱོང་།ཕ་མས་ང་ལ་ བཅངས་བའི་བརྩེ་སེམས་ནི་ངས་ནམ་ཡང་བརྗེད་ཐབས་མེད། ཨ་མའི་བྱམས་བརྩེ་ནི་དབྱར་ཁའི་དྲོད་འཇམ་གྱི་ཉི་འོད་དང་འདྲ།ང་ལ་ནམ་ཡང་དྲོད་ཁོལ་སྟེར་བ་དང་ནམ་ཡང་ང་ལ་འོད་སྣང་སྦྱིན།ཨ་མའི་བྱམས་བརྩེ་ནི་གྲང་རླུང་ཁྲོད་ཀྱི་བརྟན་ཞིང་བརླིང་བའི་གདུགས་ཤིག་དང་འདྲ། ང་ལ་ནམ་ཡང་ཆར་རླུང་འགོག ཨ་མའི་བྱམས་བརྩེ་ནི་ང་ལ་དཀའ་ཁག་ཡོད་དུས་ཀྱི་རོགས་རམ་གནང་མཁན་ཡང་ཡིན། དར་སྐུད་ལྟར་ཆད་རྒྱུ་མེད་པའི་ཨ་མའི་བྱམས་བརྩེ་ནི་ངའི་ཕྱོགས་གང་ཐད་ལ་འབད་བརྩོན་བྱེད་དགོས་པའི་གནས་ལུགས་ཡིན། 

    ཨ་ཕའི་བྱམས་བརྩེ་ནི་མཚོ་ལྟར་ཟབ། ཨ་ཕའི་བྱམས་བརྩེ་ནི་ང་ནོར་འཁྲུལ་གྱི་ལམ་ལ་འཇུག་སྐབས་སུ་ལམ་སྟོན་གྱི་སྒྲོན་མེ་ཡིན། ཨ་ཕའི་བྱམས་བརྩེ་ནི་བདག་གིས་འཚོ་བའི་ཁ་ཕྱོགས་མི་ཤེས་དུས་བདག་ལ་ཀྱག་ཀྱོག་མེད་པའི་ལམ་སྣ་འདྲེན་མཁན་ཡིན། གལ་ཏེ་ཨ་མའི་བྱམས་བརྩེ་ནི་མཚོ་ལྟར་ཟབ་ན་ཨ་ཕའི་བྱམས་བརྩེ་ནི་རི་རབ་ལས་མཐོ་ཞིང་བརྗིད། 

བདག་གི་ཕ་མ་གཉིས་ཀའི་བརྩེ་སེམས་བཤད་ན། ངའི་སེམས་ནས་བརྗོད་ཀྱི་མི་ལངས་པའི་སྐད་ཆ་དང་རྫོགས་མཐའ་བྲལ་བའི་དྲིན་ལན་མང་པོ་འཆར་འོང་། ཕ་མ་གཉིས་ཀའི་བུ་མོ་ངའི་མདུན་ལམ་ལ་ཉི་མ་ཤར་བའི་ཆེད་དུ་འཚོ་བའི་ཁྲོད་དུ་དཀའ་བ་མང་པོ་ཁྱད་དུ་བསད། དྲིན་ལན་འདི་རྡོ་བརྐོས་རི་མོ་བཞིན་ངའི་ནམ་ཡང་བརྗེད་པ་མེད། 

  ཆུང་དུས་ནས་ཕ་མས་ང་ལ་གཏམ་རྒྱུད་མང་པོ་བཤད་མྱོང་། ཁོ་གཉིས་ཀྱིས་ང་ལ་མི་ཞིག་ཡིན་ན་དྲང་བདེན་སྐྱོང་དགོས་ལ།  བྱ་བ་ཞིག་བསྒྲུབ་ན་དོགས་ཟོན་སེམ་ཆུང་བྱ་དགོས་པ། མི་ཞིག་ཡིན་ན་ཁོག་རྒྱ་ཆེ་དགོས་པ། རྒན་ལ་བཀུར་ཞིང་གཞོན་ལ་གཅེས་དགོས་པའི་བསླབ་བྱ་མང་དུ་གནང་།  རང་ཉིད་ལ་གཤོག་རྩལ་རྒྱས་ཏེ་འཇིག་རྟེན་ལ་འཁོར་དུས་རང་ལ་འོད་སྣང་སྦྱིན་མཁན་དང་རང་ལ་ཚེ་སྲོག་སྩོལ་མཁན་སུ་ཡིན་ཡང་སེམས་ནས་མི་བརྗེད་པར་དྲིན་ལན་ལོག་འཇལ་བྱེད་པའི་མི་ཞིག་གཏན་ནས་མ་བྱེད་པའི་སློབ་གསོ་མང་དུ་བཏང་མྱོང་། 

ཉིན་རེར་ནངས་མོར། ཨ་མས་ང་ལ་ནངས་ཇ་བསྐོལ་ནས་ཟས་གང་ཞིམ་དང་དུས་ཆེན་སོགས་སུ་ང་ལ་གྱོན་པ་གསར་བ་གྱོན་དུ་འཇུག་པ་སོགས་རང་ཉིད་ཟས་གོས་ངན་ངོན་ལ་བསྟན་ནས་ཡོད་ཚད་བུ་མོ་ཆེད་དུ་འབུལ་སྲིད། 

མདོ་ན་ཕ་མའི་དྲིན་ལན་ནི་རྫོགས་མཐའ་བྲལ་བས། ང་ཚོས་ངེས་པར་དུ་སློབ་སྦྱོང་ལ་འབད་འབུངས་བྱས་ཏེ་རང་ཉིད་ནར་སོན་རྗེས་ཕ་མའི་དྲིན་ལན་འཇལ་དགོས། 

227    |    0    |    0

总数:0 当前在第1页