ངའི་ཨ་མ་ནི་འབྲོག་མོ་དཀྱུས་མ་ཞིག་ཡིན། དགུང་ལོ་སོ་བདུན་ལས་སོན་མེད་ནའང་། ཁོ་མོའི་གདོང་ལ་རྒས་གཉེར་ཟབ་མོ་བབས་ཡོད། མོ་རྒྱུན་ཏུ་གླུ་ལེན་པར་ཧ་ཅང་དགའ་ལ། མོས་གླུ་བླངས་པའང་སྙན་འཇེབས་ལྡན་པ་ཞིག་ཡིན། མོ་བྱིས་པ་ལ་གཅར་རྡུང་བྱེད་རྒྱུར་མི་དགའ། མོ་རང་གཅིག་པུས་ཁྱིམ་ཕྱི་ནང་ཀུན་གྱི་ལས་ཀ་ལས་ཀྱིན་ཡོད། མོ་ཧ་ཅང་སྡུག་རུས་ཆེ་ཞིང་བཟོད་བསྲན་ཅན་ཞིག་ཡིན་པ་མ་ཟད། བྱམས་སེམས་ལྡན་པ་ཞིག་ཀྱང་ཡིན།

ངའི་ཨ་ཕ་ལོ་རེ་རེར་བཞིན་ཕྱི་ལ་ཞོར་ལས་སུ་སོང་བ་ན་ཁྱིམ་ཕྱི་ནང་གི་ལས་ཀ་ཡོད་ཚད་ཨ་མ་གཅིག་པུས་ལས་དགོས་ཤིང་། ཉིན་རེའི་དགོང་མོར་མོ་རང་ཐང་ཆད་ནས་དགྱེ་སྒུར་ཡང་བྱེད་དཀའ། དེ་ལྟ་ནའང་ང་ལ་བྱམས་བརྩེ་དྲོན་མོས་གཅེས་སྐྱོང་བྱས་པ་ནམ་ཡང་བརྗེད་མི་སྲིད།
ཉིན་ཞིག་གི་མཚན་ཕྱེད་ཅིག་ལ། ཨ་མ་དང་ངེད་གཉིས་ལྷན་དུ་ཚ་ཐབ་དྲོན་མོར་རྨི་ལམ་གྱི་ཞིང་ཁམས་སུ་མྱུལ་བའི་སྒང་ལ། ང་རང་གློ་བུར་དུ་ཟུག་གཟེར་དྲག་པོ་ཞིག་གིས་རྨི་ལམ་ལས་དཀྲོགས། མ་བཟང་ཐལ། ངའི་སོ་ནད་ཡང་བསྐྱར་འཕར་བྱུང་། དང་ཐོག་ད་དུང་ཅུང་ཙམ་བསྲན་ཐུབ་ནའང་། རྗེས་སུ་བསྡད་ཀྱིན་བསྡད་ཀྱིན་ཇེ་ཐུ་རེད། དེ་ནས་ངས་ན་གཟེར་མ་བཟོད་པར་ངུ་སྐད་ཤོར། ཨ་མས་ངུ་སྐད་ཐོས་པ་ན། ངའི་སོ་ནད་ཡང་བསྐྱར་འཕར་བ་ཤེས་ཏེ། མྱུར་དུ་མལ་ལས་ལངས་ནས་ང་ལ་ཆུ་ཁོལ་དཀར་ཡོལ་གང་དང་ཟུག་འཇོམས་སྨན་རིལ་འཐུང་དུ་བཅུག ཅུང་ཙམ་འགོར་བའི་རྗེས་ལ་ངའི་ན་ཟུག་ཀྱང་རིམ་བཞིན་འཇགས་པས། ངས་ཨ་མ་ལ“ཨ་མ། ད་ལྟ་ཁྱེད་རང་མལ་དུ་སོང་ཆོག”ཅེས་བཤད་ནའང་། ཨ་མས་མགོ་བོ་གཡུག་བཞིན་ང་བསྲུངས་ནས་བསྡད། དེ་ནི་ཨ་མས་ངའི་སོ་ནད་ཡང་བསྐྱར་འཕར་བར་སེམས་ཁྲལ་བྱེད་པ་མ་ཡིན་ནམ། འདི་ལྟར་མོས་ང་བསྲུངས་ནས་ཞག་གང་བོར་གཉིད་མ་ཁུགས།

མི་ཚང་མས“ཨ་མའི་བྱམས་བརྩེ་ནི་ཉི་མའི་དྲོད་ཁོལ་འདྲ”ཞེས་ཟེར་བ་ནི་བདེན་པ་བདེན་ཐུབ་ཀྱི་སྐད་ཆ་ཞིག་ཡིན་པ་ད་ཆ་གཞི་ནས་རྟོགས་སོང་། ཨ་མའི་བྱམས་བརྩེ་ཡིས་ང་ལ་གྲང་བའི་སྐབས་སུ་དྲོད་ཁོལ་དང་། ཚ་བའི་སྐབས་སུ་བསིལ་ཟེར་སྦྱིན་པས། ནམ་ཡང་ངའི་ཚེ་སྲོག་ལ་གསོན་ཤུགས་རྒྱས་སུ་འཇུག་པའི་ཁྱད་མཚར་གྱི་སྨན་མཆོག་ཅིག་ཡིན།